作词 : 扎西平措作曲 : 旦曲阿帝编曲 : 旦旦制作人 : 旦旦藏戏引子:གངས་རིའི་རྭ་བས་བསྐོར་བའི་འཛམ་གླིང་གི་ཡང་རྩེ།ས་ཕྱོགས་གང་སར་མཛེས་སྡུག་གིས་རྒྱན་པའི་ལྗོངས་འདིར།རྟ་དབྱངས་སྙན་པོའི་གླུ་གཞས་འདིའི་ཁྲོད་ནས།ཁྱེད་ཉིད་ཕྱག་ལ་ཕེབས་པའི་རེ་སྒུག་ཞུ།ཕོ་བྲང་པོ་ཏ་ལར་གཟིགས་དང་།ཁོང་བརྗིད་ཉམས་ལ་ལྡན་པ།བྱ་རྒོད་པོས་གཤོག་རྩལ་ངོམས་དུས།ངས་ཁྱེད་ལ་གླུ་ཞིག་ལེན།རྩྭ་ཐང་བརྒལ་ནས།ནོར་ལུག་དེད་དུས།ང་ཡིས་བྱང་ཐང་ནས་ཁྱེད་རང་སྒུག།ནགས་ཚལ་ཁྲོད་དུ།བྱིའུ་ཆུང་འཕུར་དུས།།ང་ཡིས་པད་མའི་ཞིང་ནས་ཁྱེད་རང་སྒུག།སྒུག་ཡོད།གངས་རིན་པོ་ཆེ་ལ་ཕེབས་དང་།གུ་གེའི་རྒྱལ་རབས་ལ་མཇལ་ཡོད།རྒྱལ་མོ་རྔུལ་ཆུའི་འགྲམ་ནས།ཨ་རོགས་ཁམས་པས་བསུ་བ་ཞུས།ལྷོ་ཁའི་ཡུལ་ནི།བོད་མིའི་འབྱུང་གནས།ཡུལ་བུ་བརླ་མཁར་ལ་ཁྱེད་རང་སྒུག།རི་ཆུ་བརྒལ་ནས།ཇོ་མོ་གླང་མ་འཛེགས།ང་ཡིས་འཛམ་གླིང་ཡང་རྩེ་ཡི་ཡང་རྩེ་ནས།སྒུག་ཡོད།ངས་སྒུག་ཡོད། སྒུག་ཡོད། སྒུག་ཡོད། འོ།སྒུག་ཡོད། སྒུག་ཡོད། སྒུག་ཡོད། འོ།ལྷོ་ཁའི་ཡུལ་ནི།བོད་མིའི་འབྱུང་གནས།ཡུལ་བུ་བརླ་མཁར་ལ་ཁྱེད་རང་སྒུག།རི་ཆུ་བརྒལ་ནས།ཇོ་མོ་གླང་མ་འཛེགས།ང་ཡིས་འཛམ་གླིང་ཡང་རྩེ་ཡི་ཡང་རྩེ་ནས།སྒུག་ཡོད།翻译 : 白玛旦增吉他 : 文子混音 : D&M Records母带 : D&M Records藏戏:索朗旺久