ཁྱེད་ལ་དགའ།ང་ཁྱེད་ལ་སེམས་པ་ཤོར། སེམས་པ་ཤོར།ཁྱེད་ཀྱི་ཞལ་རས་དཀར་གསལ་ཟླ་བ།ཁྱེད་ཀྱི་དབུ་སྐྲ་གསེར་ལིང་ལྗང་པ།སྐུ་གཟུགས་ཙ་རིའི་སྨྱུག་མ།ང་ནི་ཁྱེད་ལ་དགའ།སྙིང་རྗེ་མོ་ལས་ཀྱིས་འདིར་འཕྲད་པའི་བུ་མོ་ལགས།སེམས་བཟང་པོ་ལྷ་ལས་དད་པའི་བུ་མོ་ལགས།བུ་ཆུང་ང་ལ་གསན་གནང་དང་། ང་ལ་ལྟས་གནང་དང་།ཁྱེད་ཀྱི་བརྩེ་དུང་ང་ལ་སྤྲད་པ་གནང་།ཡིད་འཕྲོག་ལྷ་མོ་ལགས།ངའི་ལུས་ངག་ཡིད་གསུམ་ཁྱེད་ལ་ཕུལ་ཡོད་ཚུར་གཅིག་ལྟོས།ངའི་ཡོད་ཚད་ཁྱེད་ལ་སྤྲད།ང་ལ་ལྟས།ང་ཡི་སེམས་པ་སྔ་ས་ནས་བརླགས་སོང་།ཁྱེད་ཀྱི་ཕྱོགས་ལ་འཕུར་ནས་སོང་།སེམས་པ་མ་འཚབ་རོགས།བུ་ང་ནམ་ཡང་ཁྱེད་ལ་དགའ།ངའི་བརྩེ་བའི་ཡིད་འཕྲོག་ལྷ་མོ།ཁྱེད་ཀྱི་ཞལ། སེམས། ལྷག་བསམ་དཀར་བའི་སྙིང་ཆུང་།སྐྱོ། དགའ། ཚང་མ་ང་ལ་བཤད་པ་གནང་།ཚེ་འདི་གང་པོར་ཁྱེད་ལ་དགའ་བའི་སེམས་པ་མ་འགྱུར།ཁྱེད་ཀྱི་ཞལ། སེམས། ལྷག་བསམ་དཀར་བའི་སྙིང་ཆུང་།སྐྱོ། དགའ། ཚང་མ་ང་ལ་བཤད་པ་གནང་།དེ་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས།དམ་བཅའ་སྲུང་ཤོག་སྙིང་གྲོགས་ལགས།ལས་ཀྱི་བཀོད་ཐང་མི་ཚེ་གཅིག་ལ་དག་པའི་ལས་ཀྱི་བཀོད་ཐང་།མི་ཚེའི་སྙིང་པོ་འཇིག་རྟེན་ཆེན་པོ་འདི་ལ་གནས་པའི་མི་ཚེའི་སྙིང་པོ།ཆར་སིམ་ཁྲོད་ལ་ལག་གདང་འབྲེལ་བའི་བརྩེ་དུང་གི་མཚན་མོ།ང་གཉིས་གཅིག་གིས་གཅིག་ལ་བལྟས་ནས།གཅིག་གིས་གཅིག་ལ་ཉན་ནས།བརྩེ་དུང་གི་དམ་ཆ་ གཅིག་གིས་གཅིག་ལ་ལན་པ་དེ་ཕྱང་ནས་ ཨེ་འདྲ་ཕྱིན་ནས།གཅིག་གིས་གཅིག་ལ་སེམས་པ་དེ་མཐུན་ནས།གཅིག་གིས་གཅིག་ལ་ཐུགས་འཁུར་དང་བརྩི་འཇོགབསམ་གཞིག་དང་ཡིད་ཆེས་ཕན་ཚུན་བྱས་ནས།བྱས་ནས་བརྩེ་དུང་འདི་མཉམ་དུ་སྐྱངས་ནས།མི་ཚེའི་སྒོ་ལྕག་དེ་མར་གཅིག་བརྒྱབ་ནས།ལྡེ་མིག་དེ་ཕར་གཅིག་གཡུག་ནས།མཚམས་མཚམས་ཁ་རྩོད་ཤོར་བ་ཡིན་ནའི།རླུང་དེ་ལམ་སེང་ལྗག་ནས།གློག་བརྙན་གཅིག་བལྟས་ནས།ལྟོ་ཞིམ་པོ་གཅིག་ཟས་ནས།ཆུང་ཆུང་བདེ་སྐྱིད་འཚོ་བ་འདིའི་ནང་།རང་དང་མཉམ་དུ་དུས་ཚོད་དེ་སྐྱམ་ནའི།གནོ་སྐྱོད་འདི་མེད་པའི་ཟོ་རས་གཅིགཚང་མ་ཡང་དག་པའི་ཟོ་རས་གཅིགཉིན་མ་ག་ཚོད་དང་ག་ཚོད་ཕྱིན་ནའི།གང་ལྟར། གང་ལྟར་འགྱོད་པ་དེ་མེད་པའི་ཟོ་རས་ཅིགའདི་ཚོ་ཚང་མ་རང་གི་ཧ་གོ་བ་གཅིག ང་ལ་དགའ་པ་གཅིགམི་ཚེ་འདིར་ང་དང་མཉམ་དུ་ཡོང་རོགས་ཅིགལས་ཀྱི་བར་ཆད་ང་གཉིས་ཀྱི་གཏོར་ནས།བདེ་སྐྱིད་འཚོལ་ཐུབ་པ་གཅིགཁྱེད་ཀྱི་ཞལ། སེམས། ལྷག་བསམ་དཀར་བའི་སྙིང་ཆུང་།སྐྱོ། དགའ། ཚང་མ་ང་ལ་བཤད་པ་གནང་། ཚེ་འདི་གང་པོར་ཁྱེད་ལ་དགའ་བའི་སེམས་པ་མ་འགྱུར་ཞཁྱེད་ཀྱི་ཞལ། སེམས། ལྷག་བསམ་དཀར་བའི་སྙིང་ཆུང་།སྐྱོ། དགའ། ཚང་མ་ང་ལ་བཤད་པ་གནང་།དེ་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས།དམ་བཅའ་སྲུང་ཤོག་སྙིང་གྲོགས་ལགས།ང་ནི་ཁྱེད་ལ་དགའ་བའི་ཉམ་ཆུང་བུ་ཞིག་ཡིན།ཁྱེད་ཀྱི་བརྩེ་དུང་ང་ལ་བཅངས་པ་བསམ་ནས་ནི།ཁྱེད་ལ་དགའ། ཁྱེད་ལ་དགའ།འདི་ནི་བུ་ངས་ཁྱེད་ལ་སྤྲད་པའི་དམ་བཅའ་ཡིན།ཁྱེད་ཀྱི་ཞལ། སེམས། ལྷག་བསམ་དཀར་བའི་སྙིང་ཆུང་།སྐྱོ། དགའ། ཚང་མ་ང་ལ་བཤད་པ་གནང་།ཚེ་འདི་གང་པོར་ཁྱེད་ལ་དགའ་བའི་སེམས་པ་མ་འགྱུར།ཁྱེད་ཀྱི་ཞལ། སེམས། ལྷག་བསམ་དཀར་བའི་སྙིང་ཆུང་།སྐྱོ། དགའ། ཚང་མ་ང་ལ་བཤད་པ་གནང་།དེ་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས།དམ་བཅའ་སྲུང་ཤོག་སྙིང་གྲོགས་ལགས།