作词 : 藏堂作曲 : 藏堂混音:洛绒益西ཀ་ཁ་ག་ང་མི་རིགས་ཀྱི་ཤུལ་བཞགམདོ་དབུས་ཁམས་ང་ཚོ་ནི་སྤུན་ཟླ།གངས་རིས་སྐོར་བའི་ཡུལ་ལྗོངས།སྐྱིད་པའི་ཕ་ཡུལ་བོད་ལྗོངས།ང་ཚོ་སྐྱེས་སའི་ས།བདེ་བ་ཅན་གྱི་ཞིང་ཁམས།that's all I seethat's all we need1.VERSEབོད་ཟེར་མཁན་འདི་གང་འདྲ་རེད།ས་མཐོ་པོའི་སྒང་དེར་གནས།ང་ཚོའི་ཕ་ཡུལ་བོད་ལྗོངས།ང་སྐྱེ་ས་བོད་ནས་ཡིན་ཡོང་ས་ཁམས་ནས་ཡིན་།ཁྱོད་ཚོའི་སྲོག་ལ་ཉེན་ཁ་ཕྲད་དུས་༡༡༠ཁ་པར་རྒྱོབ།ཁྱོད་ཚོའི་གཟུགས་པོ་ན་ཚ་སླེབ་དུས་༡༢༠ཁ་པར་རྒྱོབ།ཁྱོད་ཚོའི་ནང་ལ་མེ་སྐྱོན་ཤོར་དུས་༡༡༩ལ་ཁ་པར་རྒྱོབ།ཡིན་ནས་སྤུན་ཟླ།ང་ཚོའི་མི་རིགས་ཀྱི་སྐད་ཡིག་དེ་བརླག་དུས།ང་ཚོས་སུ་ལ་ཁ་པར་རྒྱག་གམི་རིགས་འདི་གང་འདྲ་བྱེད་སྐྱོབས་གལོ་ངོ་སྟོང་ཕྲག་ཕྱིན། མི་རིགས་འདི་འགྱུར་འདུག་ཕྱིན།ཡོད་པ་ནས་མེད་པ། མེད་པ་ནས་ཡོད་པ།མཐའ་མ་ང་ཚོའི་ཚེ་སྲོག་སྐར་ཆ་ཅིག་ལས་མེད་ནས།མི་རྒྱུད་ལ་བཞགས་དགོས་ཡ་ཅ་ལག་དེ་ག་རེད།རང་ཕ་མ་གཉིས་ཀྱི་བུ་རེད། མི་རིགས་ཀྱི་རེ་བ་རེད།ས་ཕྱོགས་ག་བ་ཕྱིན་ནས་སོ་སོ་བོད་རིགས་ཡིན་པ་མ་བརྗེད་པ་གྱིས།རང་གི་འཚོ་བའི་ནང་དུ་སྐྱིད་སྡུག་གང་འདྲ་ཕྲད་ཀྱང་།རང་གིས་བསྟེན་ས་དཀོན་མཆོག་གསུམ་རེད།དེ་རང་གི་འགྲོ་སའི་ལམ་རེད།དེ་བོད་རིགས་ཟེར་མཁན་དེ་རེད།ཀ་ཁ་ག་ང་མི་རིགས་ཀྱི་ཤུལ་བཞགམདོ་དབུས་ཁམས་ང་ཚོ་ནི་སྤུན་ཟླ།གངས་རིས་སྐོར་བའི་ཡུལ་ལྗོངས།སྐྱིད་པའི་ཕ་ཡུལ་བོད་ལྗོངས།ང་ཚོ་སྐྱེས་སའི་ས།བདེ་བ་ཅན་གྱི་ཞིང་ཁམས།that's all I seethat's all we need2.VERSEཀ་ནས་མགོ་བཙུགས་དཀའ་ལས་ཁ།ག་ནས་མགོ་བཙུགས་མཐའ་མ་ང་།འགྲོ་་་ས་ཆ་ག་ས་ག་བ། ཁྱིམ་ཚང་འཆམ་མཐུན་ཡོང་བ།འཛམ་གླིང་ཞི་བདེ་ཡོང་བ།འགྲོ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་བསྔལ་གནད་ནས་ཐར་པ་ཡོང་བ།ཨོཾ་མ་ནི་པདྨེ་ཧུང་། ཁག་ཅིག་གིས་ཁ་ནས་ལབ་བཞགཁོའི་སེམས་ནང་གི་ཆོས་སེམས་བརླག་བཞགདམྱལ་ལ་མ་མཐོང་ན་ལྷ་བླ་མ་དཀོན་མཆོག་གསུམ་ལ་ཡིད་ཆེད་མེད་པ།སྡུག་པོ་མ་མཐོང་ན་བདེ་སྐྱིད་ཀྱི་འཚོར་སྣང་ཟེར་བ།ཁོ་ཚོས་ཧ་ལམ་ཤེས་ཀྱིན་མེད་པ། མ་རེད་པས།རྟ་ཕོ་པོ་ལ་ཡིས་ཞོན་ནས་གངས་རི་དཀར་པོ་མཇལ་ནས་ཡོང་།འབྲི་མོ་རྨོ་ལ་ཡིས་འཚོས་ནས་རྩ་ཐང་ཐོག་ནས་ཕོ་རྒོད་བྱུང་།སེམས་པ་ཚུར་བཀུག་ན་བསམ་བློ་འདྲ་མིན་སྣ་ཚོགས་ཡོད།དུས་ད་ལྟ་རྒྱུན་འཛིན་བྱེད་མཁན་བུ་ཕྲུག་ང་ཚོར་གཞན་གྱིས་ལྟ་ལུགས་སྣ་ཚོགས་ཡོད།ཨ་མའི་བུ་རང་མིན་ང་མིན་ཇ་ཁང་དང་ཨར་ཁང་ཁྱམ་སྡད་མཁན་ཁྱམ་ཁྱི་ཕྱོགས་ལ་ངོས་འཛིན།ཟེར་གི་ངུ་དགོས་རེད་བགད་དགོས་རེད།བྱེད་སྟངས་མ་ཤེས་པའི་སྤྱི་ཚོགས་ནང་གོམ་པ་གང་འདྲ་སྤོ་དགོས་རེད།ཀ་ཁ་ག་ང་མི་རིགས་ཀྱི་ཤུལ་བཞགམདོ་དབུས་ཁམས་ང་ཚོ་ནི་སྤུན་ཟླ།གངས་རིས་སྐོར་བའི་ཡུལ་ལྗོངས།སྐྱིད་པའི་ཕ་ཡུལ་བོད་ལྗོངས།ང་ཚོ་སྐྱེས་སའི་ས།བདེ་བ་ཅན་གྱི་ཞིང་ཁམས།that's all I seethat's all we need3.VERSEང་ཚོས་བོད་ཡིག་སྦྱང་དུས་ཡིག་གེ་དང་པོ་ཀ།ལ་རྒྱབ་ཀླུང་རྒྱབ་འགྲོ་དུས་རྩ་ཐང་ཐོག་གི་རྟ།མེ་རྒྱབ་པའི་རྩ། ཚ་རྒྱབ་པའི་ཇ།འོ་ཇ་ཕོར་པོ་གང་ཁྱེར་ཤོག་ང་བོད་པའི་བུ་མོར་དགའ།ལུས་པོའི་ནང་རྒྱུག་སྡད་པ་དེ་ངའི་ཕ་མ་གཉིས་ཀྱི་ཁྲགངའི་སྒང་ལ་ཞོན་དགོས་མ་བསམ་ང་བཅོས་ཐབས་མེད་པའི་རྟགབྱེད་ཙམ་སྤུན་ཟླ། ང་ཚོ་ཡི་ཁྲག་དང་རུས་པའི་རྩ་བ།མི་རབ་ནས་མི་རབ་བར་དར་སྡད་པའི་སྐད་དང་ཡིག་གེ་ཡོད་པའི་བོད་པ།དེ་ང་རེད་ཁྱོད་རེད།སྤག་བརྗིས་ཀྱིས་ཚར་ལོང་བྱུང་བའི་མི་རེད།མ་གཞི་ཁག་མེད། དུས་ལྟའི་སྤྱི་ཚོགས་གདོང་པགས་གོན་པའི་གཡོ་རྒྱུ་དང་ཁྲག་དང་རྫུན་མ་འབྲེལ་བའི་མིག་ཆུ།ཕལ་ཆེར་ད་ལྟ་ང་ཚོ་བསམ་རྒྱུ་དྲིན་རྒྱུ་མེད་པའི་མི། ཚང་མ།ལྟོ་ཕོར་གང་ཆེད་དུ་ལས་དཀའ།གོ་གནས་ཀྱི་ཆེད་དུ་བཤད་པའི་སྐད་ཆ།རང་སོ་སོའི་པུ་གུའི་ཆེད་དུ་ཉོས་པའི་ཁང་པ་དང་མོ་སྐྲབོད་ཡིག་ངོ་མ་ཤེས་མཁན་སློབ་མ།སློབ་ཆེན་གྱི་ལག་ཁྱེར་འཁྱེར་བྱས་གཞན་གྱི་མདུན་ལ་ལྟ་བ་མཐོ་ལ།དེ་ཛ་འདྲའི་ཆོབ་མཚར་ལ།ཀ་ཁ་ག་ང་མི་རིགས་ཀྱི་ཤུལ་བཞགམདོ་དབུས་ཁམས་ང་ཚོ་ནི་སྤུན་ཟླ།གངས་རིས་སྐོར་བའི་ཡུལ་ལྗོངས།སྐྱིད་པའི་ཕ་ཡུལ་བོད་ལྗོངས།ང་ཚོ་སྐྱེས་སའི་ས།བདེ་བ་ཅན་གྱི་ཞིང་ཁམས།that's all I seethat's all we need